Sonam Topden - Yeshi Norbu Yin | ཡིད་བཞིན་ནོར་བུ་ཡིན་ | (Official Music Video)
YouTube Viewers YouTube Viewers
582K subscribers
864,083 views
0

 Published On Sep 5, 2019

Presenting the official music video song "Yeshi Norbu Yin" from Sonam Topden and Wild Tibet Pictures. Starring Sonam Topden, Tenzin Choeyang, Zenden and Choeyang. Video sponsored by DROKPO ENTERTAINMENT.

♪ FULL SONG AVAILABLE ♪

iTunes- http://itunes.apple.com/album/id14772...

Apple Music- http://itunes.apple.com/album/id/1477...

Spotify- https://open.spotify.com/album/6r3sQw...

JioSaavan- https://www.jiosaavn.com/album/yeshi-...

_________________________________________________________

♫ SONG CREDITS ♫
Recorded/Arranged: Rabin Darsandhari/Alfa Studio Nepal
Singer/Lyrics/Composed/Music: Sonam Topden
Dranyen: Tsering Gyurmey
Guitar: Sujil Karmacharya
Lyrics correction: Tenzin Jigme

► SUBSCRIBE:    / sonamtopdenofficial  

►INSTAGRAM:   / sonam_topden  

►FACEBOOK:   / sonamtopdenofficial  

♫ VIDEO CREDITS ♫
Directed/Camera/Edited: Tenzin Nyibum (Wild Tibet Pictures)
   / wildtibetpicture  
  / wildtibetpicture  
  / nyibum55  

Camera Assistance: Ashang (Karma Yonten)
   / @yardhar8395  
  / yardhar08  

Dance Choreographed: Tenzin Choeyang
  / __choeyang__  

Cast: Tenzin Choeyang, Zenden, Choeyang
  / _choeyang_  
  / zenfromnyc  

Music video managed by Tenzin Dechen
  / tenzzindechen  

SPONSORED BY DROKPO ENTERTAINMENT

_________________________________________________________

♫ LYRICS ♫

ངའི་སེམས་པའི་ནང་གི་ནོར་བུ་དེ་ཁྱེད་ཡིན།
སེམས་པའི་ནང་གྱི་བྱིན་རླབས་ཡང་ཁྱེད་རང་ཡིན།

“ཡིད་བཞིན་ནོར་བུ་ཡིན"

བོད་གངས་ཅན་ལྗོངས་ཀྱི་རེ་བ་དེ་ཁྱེད་ཡིན།
གངས་ཅན་ལྗོངས་ཀྱི་སྲོག་རྩ་ཡང་ཁྱེད་རང་ཡིན།

“ཡིད་ཤེས་ནོར་བུ་ཡིན"

ཁྱེད་ནད་མེད་ཚེ་རིང་ཞུགས།
སྨོན་ལམ་ང་ཚོས་འདེབས་ཡོད།
སྐུ་ཚེ་ཕྲི་ལོར་བརྟན་པར་ཤོག

ཁྱེད་བཞུགས་ཁྲི་གང་དུ་ཞུགས་ནས།
བྱམས་དང་སྙིང་རྗེའི་འོག་ནས།
འཛམ་གླིང་ཞི་བདེར་ཁྱབ་འགྱུར་ཅིག།

བོད་མི་ང་ཚོས་བླ་མ་ཁོང་གི་གསུངས་པའི་བཀའ་སློབ་ལྟར་འགྲུབ་རྒྱུ་ཡིན།
གཅིག་ཕན་གཅིག་གྲོགས་འཆམ་་མཐུན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན།
བོད་མི་ང་ཚོས་བླ་མ་ཁོང་གི་སྟོན་པའི་ལམ་སྟོན་ལྟར་འགྲོ་རྒྱུ་ཡིན།
རིག་གཞུང་སྐད་ཡིག་སྲུང་སྐྱོབ་བྱེད་ཡ་ང་ཚོའི་ལས་འགན་ཡིན།
དེ་སེམས་ནང་བཞག

མཚམས་མཚམས་རེར་ངའི་རྨི་ལམ་ནང་བླ་མ་ཁྱེད་རང་མཇལ་བའི་རྨིན་ལམ་བཟང་པོ་ཞིག་བཏང་སོང།
ཡིན་ན་ཡང་ཞོགས་པ་ལང་དུས་ངའི་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་ནས་སེམས་པ་སྐྱོ་ཡང་སྐྱོ།
འཇིག་རྟེན་ནང་སླེབས་ནས་ལོ་ཉེར་ལྔ་སོང་ཡང་བླ་མ་ཁྱེད་རང་མཇལ་བའི་བསོད་བདེ་བསོད་ནམས་མེད་པ་འདྲ།
ཡིད་བཞིན་ནོར་བུ་ཡི་གསུང་པའི་བཀའ་སློབ་རྣམས་ཉན་ནས་སེམས་ནང་བདེ་སྐྱིད་སྐྲུན།

སེམས་ནང་ག་དུས་ཡིན་ནའི་བླ་མ་ཁྱེད་རང་བཞུགས་
ཁྱེད་ཀྱི་སྟོན་པའི་ལམ་སྟོན་ག་དུས་ཡིན་ནའི་སེམས་ནང་བཞག
གཞན་དང་ང་ཚོ་ཚང་མར་ཕན་པའི་བྱ་བ་ཆེད་དུ་ང་
བླ་མ་ཁྱེད་ཀྱི་སྟོན་པའི་ལམ་ན་བཞུགས་པ་ཡིན།

ཁྱེད་རང་མཇལ་བའི་གོ་སྐབས་མ་ཐོབ་ཡང།
ཁྱེད་ཀྱི་གསུངས་པའི་བཀའ་སློབ་ནམ་ཡང་ངའི་སེམས་པའི་ནང་དུ་ཡོད།

སྨོན་ལམ་གཅིག་ལས་མེད།
རེ་བ་གཅིག་ལས་མེད།
སངས་རྒྱས་ཁྱེད་དང་མཇལ་བའི་སྨོན་ལམ་འགྲུབ་པར་ཤོག

བོད་ཁ་བའི་ལྗོངས་ཀྱི་ཉི་མ་དེ་ཁྱེད་ཡིན།
ཁ་བའི་ལྗོངས་ཀྱི་སྐར་མ་ཡང་ཁྱེད་རང་ཡིན།

“ཡིད་བཞིན་ནོར་བུ་ཡིན་”

ང་ཚོ་བོད་མི་རྣམས་ཀྱི་རྒྱལ་པོ་དེ་ཁྱེད་ཡིན།
བོད་མི་རྣམས་ཀྱི་སངས་རྒྱས་ཀྱང་ཁྱེད་རང་ཡིན།

“ཡིད་བཞིན་ནོར་བུ་ཡིན་།"

ཁྱེད་ནད་མེད་ཚེ་རིང་ཞུགས་།
སྨོན་ལམ་ང་ཚོས་འདེབས་ཡོད།
སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།

ཁྱེད་བཞུགས་ཁྲི་གང་དུ་བཞུགས་ནས།
བྱམས་དང་སྙིང་རྗེའི་འོག་ནས།
འཛམ་གླིང་ཞི་བདེར་ཁྱབ་འགྱུར་ཅིག།

བོད་མི་ང་ཚོས་བླ་མ་ཁོང་གི་གསུངས་པའི་བཀའ་སློབ་ལྟར་འགྲུབ་རྒྱུ་ཡིན།
གཅིག་ཕན་གཅིག་གྲོགས་འཆམ་མཐུན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན།
བོད་མི་ང་ཚོས་བླ་མ་ཁོང་གི་སྟོན་པའི་ལམ་སྟོན་ལྟར་འགྲོ་རྒྱུ་ཡིན།
རིག་གཞུང་སྐད་ཡིག་སྲུང་སྐྱོབ་བྱེད་ཡ་ང་ཚོའི་ལས་འགན་ཡིན།
དེ་སེམས་ནང་བཞག

བོད་མི་ང་ཚོས་བླ་མ་ཁོང་གི་གསུངས་པའི་བཀའ་སློབ་ལྟར་འགྲུབ་རྒྱུ་ཡིན།
རྡོག་ཙ་ཆིག་སྒྲིལ་བྱེད་ན་ང་ཚོ་བོད་མིའི་ནུས་མཐུ་རྒྱས།
བོད་མི་ང་ཚོས་བླ་མ་ཁོང་གི་སྟོན་པའི་ལམ་སྟོན་ལྟར་འགྲོ་རྒྱུ་ཡིན།
ཉིན་ཅིག་ཁ་བའི་ལྗོངས་སུ་སྐྱིད་པའི་ཉི་མ་ཤར་བར་ཤོག

ངའི་སྨོན་ལམ་ཡིན།

show more

Share/Embed